༄༅། །སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་གཞོན་སྐྱེས་དེ་ དག་སྤྱི་ཚོགས་ཐོག་ལ་འདབ་གཤོག་གཉིས་ལྡན་ཅན་ཞིག་ཡོང་ཐབས་སུ། མཐུན་རྐྱེན་སྦྱོར་སྐྲུན་དང་། སྐུལ་འདེད་ནན་ གཏོང་བྱ་རྒྱུ་དེ་ཡིན་པ་ལྟར། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་ལྷན་ཐེངས་ ༧ པ་དང་ཚོགས་ཆེན་ཐེངས་ ༣ པ་ ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༢ ནས་ ༡༤ བར་ཉིན་གསུམ་རིང་བསྐོང་ཚོགས་ཞུས་པའི་སྐབས་སུ་སྤྱི་མོས་ཀྱི་གཏན་ལ་ ཕབ་པའི་གྲོས་ཆོད་། ༼ ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་ལོ་རེ་བཞིན་མཐོ་སློབ་ཀྱི་སློབ་མ་ལྔ་ལ་ཧིན་སྒོར་ ༡༡༠༠༠ རེ་སློབ་ ཡོན་འབུ
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་གསུམ་པའི་ལོ་འཁོར་གསུམ་གྱི་ལས་བསྡོམས་སྙིང་བསྡུས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ ནས་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ བར།
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁོང་ནི་བོད་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་ཁུལ་འབྲོག་སྡེ་དཔོན་ཁག་སུམ་ཅུ་སོ་དྲུག་གི་ཡ་གྱལ་འབའ་ཆུང་དཔོན་མཐུ་སྟོབས་རྣམ་རྒྱལ་ཀྱི་བུ་མོ་སྒྲོལ་དཀར་ལགས་ཀྱི་བུ་ཆེ་བ་རེད། ཁོང་གི་ཨ་མྱེ་འབའ་ཆུང་མཐུ་སྟོབས་རྣམ་རྒྱལ་ནི་ 1959 ལོར་རྒྱ་དམག་ལ་འཐབ་འཛིང་གིས་སྐད་གྲགས་བཞག་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་དཔོན་གཙོ་གྲས་ཤིག་ཀྱང་རེད། སྤ